ཁྱུང་འབུམ་ཀླུ་ར་དགོན་ནི་སྨར་ཁམས་ཁུལ་གྱི་དགོན་པ་ཆེ་གྲས་ཤིག་ཡིན།དགོན་པ་དེ་སྨར་ཁམས་རྫོང་ཆགས་ ཡུལ་སྒར་ཐོག་ནས་བརྩིས་ན་ཀི་ལོ་མི་ཏྲར་བཞི་བཅུ་ཙམ་གྱི་ས་བྱང་ནུབ་ཕྱོགས་སུ་ཡོད།དགོན་པ་དེ་བཞིན་རི་བ ོ་དགེ་ལུགས་པའི་དགོན་པ་ཞིག་ཡིན།དགོན་པ་དེའི་སྐོར།སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་དགའ་ལྡན་ ཆོས་འབྱུང་བཻཌྰུརྱ་སེར་པོ་ལས།ཁྱུང་པོ་ཀླུ་ར་དགོན་ནི།འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་པདྨ་ལ་མགོ་བོ་ གཏུགས་ཤིང་གསུང་གི་བདུད་རྩི་རྣ་བའི་བུམ་ཟང་དུ་འཐུངས་པ་དབུ་རྣམ་བཟང་ཞེས་པས་སྟོང་མོ་གཏེ་འདམ་

ཟེར་བ་བཏབ།དེ་རྗེས་དབང་ཕྱུག་སེང་གེ།དེ་སྐབས་ངོར་པས་དྲག་ཤུལ་དགོན་པ་སྟོངས་ཀྱང་།སླར་ལས་ཤུགས་ སྨོན་ལམ་གྱི་མཐའ་བཙན་པས་ལྗངས་རྒྱལ་བསོད་ནམས་རབ་བརྟན་གྱིས་སྦྱིན་བདག་བྱས།ཀླུ་ར་ཐང་ཟེར་བར་

དགོན་པ་བཏབ་པས།མིང་དེར་ལྟར་གྲགས། ཕྱིས་བླ་མ་བློ་བཟང་ཆོས་འཕེལ།དཀོན་མཆོག་རྒྱལ་མཚན།དེ་ནས་དེ་མོ་སྤྲུལ་པའི་སྐུ་སོགས་ཀྱིས་ལར་རྒྱའི་ཁ་འ ཛིན་ལས་ནང་ཚགས་ཀྱི་བླ་མ་མ་བྱུང་འདུག་པ་ལྟར་ད་ལྟར་མེད། གཞིས་དགོན་སྔགས་ཕྱོགས། གྲ་རྒྱུན་འགྲོ་ཁུངས་གོང་འདྲ།  གྲྭ་པ་ཉིས་བརྒྱ་སྐོར་ཞེས་འཁོད་འདུག་པ་ལྟར་དེར་ལྟར་བཀོད།  

ཁྱུང་འབུམ་ཀླུ་ར་དགོན་པ།