འོད་ཟེར་བླ་མ་སྐུ་ཕྲེང་དང་པོ་སྤུང་མཁན་ཆེན་འོད་ཟེར་བླ་མ་མཆོག་གི་་རྣམ་ཐར།

དེ་ཡང་སྤུང་མཁན་ཆེན་འོད་ཟེར་བླ་མའི་རྣམ་ཐར་ལས།མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སློབ་དཔོན་ལ་ཞུ ས་པས།ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རིལ་བུ་འདི།གཏེར་དུ་ལྔ་བརྒྱ་དུས་སྙིགས་མ་ལ་གཏེར་དེ་སུས་བཏོན་མི་བ ཏོན་ཞུས་པས།ཨུ་རྒྱན་ཉིད་ཀྱི་ཞལ་ནས།གཏེར་འདི་གཏེར་སྟོན་གུ་རུ་ཆོས་དབང་གིས་བཏོན།སྐྱེ་བདུན་རིལ་བུ་བ སྒྲུབ་པའི་བསྟན་པ་དར་བ་ནི་ཚ་བ་ཁབ་སོའི་ཕྱོགས་སུ་ནི།ཐུགས་རྗེ་ཆེན་པོའི་སྤྲུལ་པ་འོད་ཟེར་བླ་མ་འབྱུང་བ་ཞེས །ཨུ་རྒྱན་རིན་པོ་ཆེས་ལུང་བསྟན།དེ་བཞིན་ཕྱི་ལོ་༡༢༩༥་ཤིང་མོ་ལུག་གི་ལོར་སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ ཁམས།རི་རབ་ལྷུན་པོ་ལྷོ་རྒྱལ་འཛམ་བུ་གླིང།གནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བ་ཅན་དུ།སྔོན་གྱི་རྒྱལ་བློན་བྱང་ ཆུབ་སེམས་དཔའ་རྣམས་ཀྱིས་ཞབས་བཅགས་པའི་གནས།ཟླ་ཆུ་དམར་པོ་དང༌།རྫ་ཆུ་སྔོན་མོའི་བར་འོས་ཆུའི་འག ྲམ་དུ།མདོ་རྒྱུད་དུ་མ་ལས་བསྔགས་པའི་གནས་མཆོག་ཁ་བ་དཀར་པོའི་ཞོལ། མོ་ཡོང་མཆེད་བདུན་གྱི་མདུན། བྱང་བཙན་ཆེན་པོ། རི་བོ་དགྲ་འདུལ་དབང་ཕྱུག་གི་ཞོལ་ནས།

ཚ་བ་ཁབ་སོ་རྒྱལ་མོའི་ལུང་པ།ཡུལ་མ་ཅན་གྱི་འོལ་ཤོད་ཅེས་བྱ་བ།གནས་མཆོག་ཤུལ་སྟེང་དུ་རིགས་རུས་འ གྲུའི་ནང་ཚན་སྤུང་དུ་ཡབ་མཁའ་འགྲོ་འབུམ་དང༌།ཡུམ་སོག་ཟྭ་བཀྲ་ཤིས་གཟུང་གཉིས་ཀྱི་སྲས་སུ་སྤུང་མཁན་ཆེན ་འོད་ཟེར་བླ་མ་དམ་པ་ཁོང་སྐུ་འཁྲུངས།དགུང་ལོ་ལྔ་ལ་ཕེབས་སྐབས་ཡུམ་སོག་ཟྭ་བཀྲ་ཤིས་གཟུང་སྐུ་ཚེ་ལས་འད ས།དགུང་ལོ་བདུན་ལ་ཕེབས་སྐབས་ཡབ་མཁའ་འགྲོ་འབུམ་སྐུ་ཚེ་ལས་འདས།དམ་པ་ཁོང་གི་མཚན་ལ་སྤུང་མཁ ན་ཆེན་འོད་ཟེར་བླ་མ་ཞེས་མཚན་བཏགས་པའི་མཚན་དོན་ནི།དམ་པ་ཁོང་གི་རིགས་རུས་ཀྱི་རྒྱུད་འགྲུའི་ནང་ཚན་ སྤུང་ཡིན་པས་ན་སྤུང་ཞེས་རིགས་རུས་ཀྱི་མིང་དང༌།མཁན་ཆེན་ཞེས་པ་ནི།ཤོ་དགོན་དང༌།ཀ་ཐོག་རྡོ་རྗེ་གདན།ད པལ་འབར་སོགས་ཀྱི་ཁྲི་ཐོག་ཏུ་བླ་མ་མཁན་པོ་ལོ་མང་མཛད་པ་ལ་བརྟེན་ནས་མཁན་ཆེན་ཞེས་གོ་གནས་ཀྱི་མཚ ན་དང༌།འོད་ཟེར་བླ་མ་ཞེས་པ་ནི་དགེ་ཚུལ་གྱི་མཚན་བཅས་དམ་པ་ཁོང་གི་མཚན་ལ་སྤུང་མཁན་ཆེན་འོད་ཟེར་བླ་ མ་ཞེས་ཞུས།སྤུང་རིགས་རུས་དང་མཁན་ཆེན་གོ་གནས་ཀྱི་མཚན་ཕུད།དམ་པ་ཁོང་གི་དགེ་སློང་གི་མཚན་འོད་ཟེ ར་བླ་མ་ཞུས་པ་ནས་དབུ་ཚུགས་ཏེ་དམ་པ་ཁོང་གི་སྐྱེ་ཕྲེང་རིམ་བྱོན་གྱི་མཚན་ལ་འོད་ཟེར་བླ་མ་ཞེས་འབོད།དམ་པ ་ཁོང་དགུང་ན་ཕྲ་དུས་ནས་ཡབ་ཡུམ་གཉིས་དགོངས་པ་རྫོགས་པ་དེས་དམ་པ་ཁོང་གི་བྱིས་དུས་སུ་དཀའ་ཚེགས་ ཆེན་པོ་བྱུང་ཡོད་པར་ལོ་རྒྱུས་སུ་གསལ་འདུག་པས་མཁྱེན་འདོད་ཡོད་རིགས་རྣམས་ཀྱིས་ལོ་རྒྱུས་དངོས་ལ་གཟི གས་པར་འཚལ།ཉིན་ཞིག་སངས་རྒྱས་རིན་ཆེན་གླིང་པ་བྱོན་པས་མདུན་དུ་ཤོག་གསུངས་ནས་དཔོན་དགེ་འདུན་ རྒྱལ་མཚན་གྱིས་ཞལ་ཏ་མང་དུ་མཛད་ནས་དགུང་ལོ་བཅུ་བཞི་ནས་བཅོ་ལྔ་ལོར་འགྲོ་བའི་ལོ་དེར་སངས་རྒྱས་རིན་ ཆེན་གླིང་པའི་དྲུང་དུ་བཅར་ཏེ།སངས་རྒྱས་རིན་ཆེན་གླིང་པ་སློབ་དཔོན་མཛད་ནས།དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ ་མཚན་ལ་འོད་ཟེར་བླ་མ་ཞེས་གསོལ།དེ་ནས་དམ་པ་ཁོང་འཁོར་བ་ལ་བཅོས་མིན་གྱིས་ངེས་པར་བྱུང་སྟེ་ཁོང་གིས་ རིན་པོ་ཆེ་སངས་རྒྱས་རིན་ཆེན་གླིང་པའི་དྲུང་དུ་ཁྲིད་ཡོངས་སུ་རྫོགས་པ་ཞུ་དགོས་དགོངས་ནས་རིན་པོ་ཆེའི་དྲུང ་དུ་བཅར་ནས་ཁྲིད་རྡེའུ་དཀར་ནག་གི་དམིགས་པ་སོགས་ཞུས།དགུང་ལོ་ཉི་ཤུ་རྩ་གཅིག་ཐོག་དབེན་གནས་སུ་ཕེ བས།དབེན་པར་སྟན་མེད་པས་སྤེན་མ་བཏིང༌།དགོང་གསོལ་ཚིགས་མེད་པར་གཟིམས།མལ་ལ་མ་འགུལ།དཀྱིལ་ དཀྲུང་མ་ཤིགདབུ་སྔས་ལ་མ་བཞག་པ་བཅས་མཛད་ནས་དབེན་པར་བཞུགས།དགུང་ལོ་ཉི་ཤུ་རྩ་ལྔ་ཐོག་ཤོ་དགོན ་གཙུག་ལག་ཁང་དུ་མཁན་རྡོར་པས་མཁན་པོ་མཛད།སངས་རྒྱས་རིན་ཆེན་གླིང་པས་སློབ་དཔོན་མཛད།གསང་སྟོ ན་དགེ་སློང་བགྲེས་པ་གཅིག་གིས་མཛད།དད་པའི་དགེ་འདུན་བརྒྱ་ཕྲག་དང་བཅས་པའི་དབུས་སུ་ཉི་མའི་གྲིབ་ཚོད ་དང༌།སྐྱེས་བུ་དང༌།རྐང་པའི་དུས་ཚིགས་བགོས་ནས་ཚིག་ཕྱི་མ།བསྙེན་པ་རྫོགས་པ་དགེ་སློང་གི་སྡོམ་པ་ཐོབ།དེ་ ནས་ཕྱི་དྲོར་ཁ་ཟས་ཏིལ་འབྲུ་ཙམ་ཡང་མ་བཞེས།དེ་ནས་ཆོས་སྐྱོང་བྲག་ལྷ་མགོན་པོའི་བྱིན་གྱིས་བརླབས་པའི་གན ས་གཅིག་ཏུ་བསྒྲུབ་པ་མཛད་ཅིང་བཞུགས་པ་ལ་ཐུགས་རྗེ་ཆེན་པོ་མདུན་གྱི་ནམ་མཁར་བྱོན་ནས།ཁྱེད་ནི་སྐྱེ་བ་སྔོ ན་གྱུར་གྱི་གང་ཟག་ཡིན་པས།རྩེ་གཅིག་བསྒྲུབ་མི་དགོས།སྐྱེ་བདུན་ཐུགས་ཀྱིས་རིལ་བུ་བསྒྲུབ་པ་གྱིས་དང༌།དེ་ལ ས་འགྲོ་དོན་ཆེ་བ་མེད་ཅེས་གསུངས་པ་ལ་བརྟེན་ནས་ལྕགས་པོ་སྤྲེལ་གྱི་ལོ་དགུང་ལོ་ཉི་ཤུ་རྩ་དྲུག་ཐོག་སྨར་ཁམ ས་སྟོབས་ཀྱི་དགོན་པར་བསྐྱོད་དེ་སྨན་ལྷ་ཁྲི་ཕྲག་ལྔ་དང༌།སྟོང་ཕྲག་ལྔ་ལ་སོགས་བསྒྲུབས་ཏེ་སྐྱེ་བདུན་རིལ་བུ་བ སྒྲུབས།དགུང་ལོ་རྩ་བརྒྱད་རྩ་དགུ་སུམ་ཅུ་ཙམ་ལ་ཤོ་དགོན་དུ་ཕེབས་ནས་མང་ཇ་དང་རིན་པོ་ཆེ་ལ་འབུལ་བ་བྱས།   དེ་ནས་སྨར་ཁམས་གཙོས་པའི་ཡུལ་གྲུ་གང་སར་སྐྱེ་བདུན་རིལ་བུ་བཙུགས་པ་དང༌།སྤྱན་རས་གཟིགས་ཀྱི་བཟུ ང་སྔགས་ཨོྃ་མ་ཎི་པདྨེ་མ་འདོན་བཅུག་པ་བཅས་འགྲོ་བ་དང་བསྟན་པའི་བྱ་བ་རླབས་པོ་ཆེ་མཛད་པ་རྣམས་ཕྱོགས ་ཀུན་ཏུ་གྲགས་ཏེ་རྒྱ་ནག་གི་རྒྱལ་པོའི་བཙུན་མོ་རྡོ་ཧན་མས་གདན་དྲངས།རྒྱ་ནག་ཏུ་ལོ་བདུན་བཞུགས་ཏེ་སྐྱེ་བདུན ་རིལ་བུའི་བུམ་པ་མང་དུ་བཙུགས།དགེ་འདུན་པ་ཁྲི་ཕྲག་ལྷག་བསྙེན་པར་རྫོགས༌།རྒྱ་ནག་རྒྱལ་པོས་གསེར་དངུལ་ ནོར་བུའི་རིགས་ལས་གྲུབ་པའི་རྟེན་སོགས་རྒྱས་པར་ཕུལ།སླར་བོད་དུ་ཆིབས་ཁ་བསྒྱུར་ཏེ་གླིང་དགོན་ལ་ཕེབས་ ནས་རྟེན་མང་པོ་བཞགདེ་ནས་རི་ཤོད་དུ་བྱོན་ནས་འོལ་བ་རི་ལ་དགོན་པ་ཞིག་བཏབ།ཀ་ཐོག་རྡོ་རྗེ་གདན་དང༌།དཔ ལ་འབར་གྱི་ཁྲི་ཐོག་ཏུ་བླ་མ་ལོ་བཅུ་གསུམ་མཛད་ནས་བཞུགས། དེའི་དུས་ཀ་ཐོག་དྲུང་པ་དང༌། དཔལ་འབར་དྲུང་པ་གཙོས་པའི་དགེ་འདུན་པ་མང་པོ་བསྙེན་པར་རྫོགས། བོད་ཡུལ་སྟོད་སྨད་གང་སར་ཕེབས་ཏེ་སྐྱེ་བདུན་རིལ་བུའི་བུམ་པ་བཙུགས་པ་ལ་སོགས་སེམས་ཅན་བསྟན་འགྲོའི ་དོན་དུ་མཛད་པ་འཕྲིན་ལས་རྒྱས་པར་བསྐྱངས།གདན་ས་ཆེན་པོ་འོག་མཁར་གཙོས་བྱས་པའི་གཙུག་ལག་ཁང་བ རྒྱ་དང་རྩ་བརྒྱད་བཞེངས།རི་ཤོད་ལྷུན་འགྲུབ་དགོན་པ་ལ་སོགས་པའི་བཀའ་འགྱུར་བརྒྱད་དང་རྩ་བརྒྱད་བཞེངས། ཤོ་ན་བོན་དགོན་ལ་སོགས་པའི་མཆོད་རྟེན་བརྒྱ་དང་རྩ་བརྒྱད་བཞེངས། རི་བོ་ཆེ་ལ་ཆེན་ལ་སོགས་པའི་བསྟན་འགྱུར་བརྒྱ་དང་རྩ་བརྒྱད་བཞེངས།  བཀྲ་ཤིས་སྡེ་ལ་སོགས་པའི་དགོན་པ་བརྒྱ་དང་རྩ་བརྒྱད་བཞེངས།གླ་རོང་མངོན་དགའ་རི་ཁྲོད་ལ་སོགས་པའི་བ སྒྲུབ་སྡེ་བརྒྱ་དང་རྩ་བརྒྱད་བཙུགས་པ་སོགས་བསྟན་པ་དང་འགྲོ་བར་སྨན་པའི་མཛད་པ་འཕྲིན་ལས་རླབས་པོ་ཆེ ར་བསྐྱངས།ཤིང་ཕོ་སྟག་ལོའི་ནང༌།རྗེ་ཀརྨ་པ་རོལ་པའི་རྡོ་རྗེ་རྒྱ་ནག་ལ་མར་བྱོན་པའི་དུས་སུ།རི་ཤོད་ན་ཀརྨ་པ་རོ ལ་པའི་རྡོ་རྗེ་མཆོག་དང་མཇལ་སྤྲད་མཛད་པ་ལ།དངུལ་བྲེ་ལ་སོགས་པའི་བརྒྱ་འབུལ་དང༌།ཞབས་བཏོག་ཆེན་པོ་ད ང༌།རིལ་བུ་བུམ་པ་སྟོད་སྨད་དུ་མང་པོ་ཡོད་པ་རྣམས་ཀྱིས་བདག་པོ་མཛད་ཅིང༌།འདི་རྣམས་ཀྱིས་སྒོ་ནས་སེམས་ ཅན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ་ཞེས་ཞུས་པ་དང༌།ཚུར་ལ་ཡང་ཁྲི་མཉམ་དུ་བརྩིགས་ནས་གནང་བ་ཆེན་པོ་མ ཛད།རྗེ་ཀརྨ་པ་རོལ་པའི་རྡོ་རྗེ་ཡར་བཞེངས་ནས།འ་འབུ་ལིང་ཆེན་གྱི་ཆོས་གོས་ངུར་སྨྲིག་ཅིག་མཁན་ཆེན་འོད་ཟེ ར་བླ་མའི་རྒྱབ་ཏུ་གསོལ་ནས།ཁྱེད་ཀྱི་ཐུགས་དགོངས་རྫོགས་པར་བྱ་བའི་ཕྱིར།ངེད་ཀྱང་རྒྱ་གར་རྡོ་རྗེ་གདན་ཚུན་ཆ ད་དུ༌རིལ་བུ་བུམ་པ་བརྒྱ་དང་རྩ་བརྒྱད་གཟུག་རྒྱུ་ཡིན་གསུངས་ནས་ཞལ་གྱིས་བཞེས་ཤིང༌།ཞག་གསུམ་གྱི་བར་དུ་ གསུང་གླེང་ཞིབ་ཆ་མཛད་ནས་བཞུགས།དེར་ཀརྨ་རོལ་པའི་རྡོ་རྗེ་མཆོག་གི་ཞལ་ནས།

སྤྱན་རས་གཟིགས་དབང་འོད་ཟེར་རྣམ་སྤྲུལ་ལ། །

འཇིག་རྟེན་མུན་གསལ་འགྲོ་བའི་བླ་མ་བྱོན། །   

འཁོར་བའི་སེམས་ཅན་ཁ་ལོ་གྱེན་དུ་བསྒྱུར། །

འོད་ཟེར་བླ་མའི་ཞབས་ལ་གསོལ་བ་འདེབས། ། ཞེས་དེ་སྙིགས་མའི་དུས་ལ་ཉི་མ་རེ་ལ་ཚར་རེ་བཏོན་ཀྱང་ངན་སོང་གསུམ་དུ་མི་འགྲོ་བ་ཡིན་ཞེས་གསུངས།དེ་ལ་ སོགས་པའི་འགྲོ་བའི་སེམསཅན་གྱི་དོན་དུ་ཡུལ་ཁམས་སོ་སོའི་ནང་དུ་སྐྱེ་བདུན་རིལ་བུ་བསྐལ་བ་མ་སྟོང་གི་བར་ དུ་རྒྱུན་མི་ཆད་པའི་ཀོ་བུམ་བརྒྱ་དང་བརྒྱད།ས་བུམ་བརྒྱད་དང་བརྒྱད།ཁྲོ་བུམ་བརྒྱ་དང་བརྒྱད།ཟངས་བུམ་བརྒྱ་དང་ བརྒྱད།ཤིང་བུམ་བརྒྱ་དང་བརྒྱད་བཅས་ཡུལ་ཁམས་སྟོད་སྨད་ཀུན་ཏུ་བཙུགས།འབྲུག་ལོ་ཟླ་བ་དང་པོའི་ནང་དངུལ་ དཀར་དུ་བྱོན་ནས།སྟོད་སྨད་ཀྱི་བུ་ཆེན་ཀརྨ་པ་རོལ་པའི་རྡོ་རྗེ་དབུ་མཛད་པའི་དཀོན་མཆོག་རྒྱལ་མཚན་ལ་སོག ས་པའི་བུ་ཆེན་རྣམས་ལ་ཡི་གེ་བཏང༌།མགྱོགས་མགྱོགས་འཚོགས་ཟེར་བའི་གསུང་འཕྲིན་བསྐུར་ནས།ཟླ་བ་གསུ མ་པའི་ནང་བུ་ཆེན་རྣམས་ཚོགས་ཤིང༌།སློབ་མ་བུ་ཆེན་འཇམ་དབྱངས་དཀོན་མཆོག་རྒྱལ་མཚན།ཤིང་གྷོ་བ་རིན་ པོ་ཆེ།ཀརྨ་པ་རོལ་པའི་རྡོ་རྗེ།རྟོགས་ལྡན་ཡེ་ཤེས་དཔལ་བ།ཤེས་རབ་རྒྱལ་མཚན།ཡ་རྩེ་བ་ལ་སོགས་པའི་བུ་ཆེན་ སྟོང་དང་ལྔ་བརྒྱ་ལ་སོགས་པའི་ངོ་འཛོམས་སུ་ཉིད་ཀྱི་བུ་ཆེན་འཇམ་དབྱངས་དཀོན་མཆོག་རྒྱལ་མཚན་མཆོག་ཆོ ས་ཀྱི་རྒྱལ་ཚབ་ཏུ་བསྐོས་ནས།  ཞལ་ནས་སྙན་རྒྱུད་འདི་སྐད་གསུངས།    བུ་ཁྱོད་ཀྱི་སྡེ་དཔོན་མཚར་རྒྱུ་མེད། །

བཀའ་རྒྱུད་ཀྱི་སྡེ་བདག་གྱིས་དང་གསུངས།  །

ཁེ་གྲགས་ཀྱི་གནས་ལ་མཚར་རྒྱུ་མེད། །

གྲུབ་ཐོབ་ཀྱི་གནས་ཆེན་གཟུང་ཞིག་གསུངས། །

བཙོན་རྭའི་ཕ་ཡུལ་མཚར་རྒྱུ་མེད། །

ཕྱོགས་མེད་ཀྱི་རྒྱལ་ཁམས་བལྟོས་ཤིག་གསུངས། །

གྲོང་འགྲོས་ཀྱི་དགོན་པ་མཚར་རྒྱུ་མེད། །

ངེས་མེད་ཀྱི་རི་ཁྲོད་འགྲིམས་ཤིག་གསུངས། །

འདི་འདྲའི་སྤྱོད་འགྲོས་མཛོད་ཅིག་དང༌། །

ང་མི་རྒན་ཉམས་དགའ་གློ་བ་བདེ། །  

ཞབས་བཏོག་དེ་ག་ཡིན་ནོ་གསུངས། །

དེ་བཞིན་བུ་ཆེན་རྣམས་ལ་སྒོམ་སྒྲུབ་ཉམས་ལེན་གནད་སྨིན་དང༌།སྐྱེ་བདུན་རིལ་བུ་བུམ་པ་མང་དུ་བཙུགས་ ནས་བསྟན་འགྲོ་ལ་ཕན་རླབས་མཛོད་དགོས་ཞེས་འདོམས་ཤིང༌།ང་འཆི་ཙ་ན།རོ་ལ་དུམ་བུ་བྱས་ནས་བྱིན་ཡང༌།ད ངོས་གཞི་ཆེ་བ་དེ་ཆུའི་ནང་ལ་སྐྱུར་དང༌།གྲངས་མེད་ཅིག་ལ་ཕན་འདོགས་ཀྱང་སྲིད།ཅེས་ཞལ་ཆེམས་མཛད་ནས། དགུང་ལོ་བརྒྱད་ཅུ་རྩ་གཉིས་ལ་བྱོན་པའི་མེ་ཕོ་འབྲུག་གི་ལོའི་ཟླ་བ་གསུམ་པའི་ཚེས་ཉི་ཤུ་བཞིའི་ཐོ་རངས་ལྔ་ཆ་ལ་ གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་བའི་སླད་དུ་སྐབས་ཤིག་མྱ་ངན་འདས་པའི་ཚུལ་བསྟན་པའོ།དེའི་ཚེ ས་གྲངས་མ་ནོར་བའི་དུས་ཚེས་ལ་ཡོན་ཆབ་དང༌།མར་མེ་དང༌།མེ་ཏོག་དང༌།སྤོས་དང༌།དྲི་བཟང་དང༌།ལྷ་བཤོས་ད ང༌།དེ་རྣམས་བཤམས་ཤིང་མཆོད་པ་འབུལ་བ་དང༌།རབ་དགོན་པའི་དགེ་འདུན་ལ་མང་ཇ་དང༌།འབྲིང་དགེ་འདུན་བ ཞི་སྡེ་ལ།ཐ་མར་རང་གིས་གང་ཐུབ་ཡིག་དྲུག་འདོན་ཞིང་བླ་མའི་དུས་མཆོད་བཟུང་ན་ཁྲི་འགྱུར་འགྲོ་བ་དང༌།སྤྱན་ར ས་གཟིགས་ཀྱི་ཞིང་ཁམས་སུ་སྐྱེ་བ་ཐེ་ཚོམ་མེད་ཅེས་གསུངས།  ཁོང་གི་སྐུ་རུས་ཡོངས་རྫོགས་སུ་སྤྱན་རས་གཟིགས་དང༌། འཇམ་དབྱངས་ཕྱག་ན་རྡོ་རྗེ་སོགས་ཀྱི་སྐུ་འཁྲུངས་པ་སོགས་ངོ་མཚར་བའི་རྟགས་དུ་མ་བྱུང་བ་བཅས་མདོར་ཙམ་ དུ།སྤུང་མཁན་ཆེན་འོད་ཟེར་བླ་མའི་རྣམ་ཐར་ཤོག་གྲངས་༣༥༧་ཡོད་པ་ལས་བཏུས་ཏེ་བསྡུས་ཙམ་དུ་བཀོད་པའོ །།  རྒྱས་པར་མཁྱེན་འདོད་ཡོད་རིགས་རྣམ་ཐར་དངོས་ལ་གཟིགས་པར་འཚལ།  

དེ་ཡང་ངག་རྒྱུན་དུ་སྒར་ཐོག་ཉེ་འཁྲིས་སྟག་ལུང་དུ་འོད་ཟེར་བླ་མ་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་བསྒྲུབ་པ་ཉ མས་ལེན་མཛད་གནས་སྒྲུག་ཕུག་དེ་ཀུན་མཁྱེན་བྱང་ཆུབ་འབུམ་པ་མཆོག་གིས་བཏོད་གནང་སྟེ།དེ་ནས་སྒྲུག་ཕུག ་དེའི་ནང་དུ་འོད་ཟེར་བླ་མ་སྐུ་ཕྲེང་རིམ་བྱོན་རྣམས་བསྒྲུབ་པ་ཉམས་ལེན་མཛད་ནས་བཞུགས་པ་རེད་ཅེས་བཤད་ སྲོལ་ཞིག་འདུག་ཀྱང༌།སྤུང་མཁན་ཆེན་འོད་ཟེར་བླ་མའི་རྣམ་ཐར་ལས།དེ་ནས་སྟག་ལུང་མདོ་ཆེན་པོ་ཁང་རིལ་ནས ་ཞབས་སུ་བཞུགས། ཆོས་ཁྲི་ཐོག་ནས་ཉི་མ་འགའ་ཞིག་ཆོས་གསུངས། ཞེས་དང༌།ཡང་བླ་མ་སྟག་ལུང་ན་བྱོན་པའི་དུས། རི་ཤོད་ནས་འོང་བའི་མཁའ་འགྲོ་མ་ཞིག་གིས་བླ་མ་མཇལ་བར་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དུ་མཇལ།  ཞེས་གསལ་བ་སོགས་ལས་བརྟག་ན། སྟག་ལུག་གི་སྒྲུབ་ཕུག་དེ་སྤུང་མཁན་ཆེན་འོད་ཟེར་བླ་མས་བཙུགས་ཤིང༌། ཁོང་གིས་བསྒྲུབ་པ་ཉམས་ལེན་མཛད་གནས་ཞིག་ཡིན་པ་དང༌།ཀུན་མཁྱེན་བྱང་ཆུབ་འབུམ་པ་མཆོག་གིས་ཁོང་གི ་སྐུ་རྒྱུད་ཡང་སྲིད་དུ་ཚུལ་བསྟན་ནས་བསྒྲུབ་པ་ཉམས་ལེན་གནང་ནས་བཞུགས་པ་ལས་ཁོང་གིས་བཏོད་པ་ཞིག་ ཕལ་ཆེར་མིན་པར་གསལ་པོ་ལགས།   དེ་ཡང་བར་སྐབས་ཀྱི་ཚིགས་བཅད་དུ་སྤུང་མཁན་ཆེན་འོད་ཟེར་བླ་མ་ཁོང་གིས་མཚན་མགུར་འདི་སྐད་ཅིག་ག སུངས་ཡོད། འོད་ཟེར་ཞེས་བྱ་བླ་མ་དེ། །

ཤཀྱའི་བསྟན་པ་འཛིན་པ་ཡིན། །

འོད་ཟེར་ཞེས་བྱ་བླ་མ་དེ། །  

བཀའ་རྒྱུད་ཀྱི་རྒྱལ་ཚབ་འཛིན་པ་ཡིན། །

འོད་ཟེར་ཞེས་བྱ་བླ་མ་དེ། །  

སྙན་རྒྱུད་ཀྱི་མན་ངག་འཛིན་པ་ཡིན། །

འོད་ཟེར་ཞེས་བྱ་བླ་མ་དེ། །  

མན་ངག་གིས་འགྲོ་བ་བསྐྱབས་པ་ཡིན། །

འོད་ཟེར་ཞེས་བྱ་བླ་མ་དེ། །   

འགྲོ་ཀུན་ཐུགས་རྗེའི་འདྲེན་པ་ཡིན། །

འོད་ཟེར་ཞེས་བྱ་བླ་མ་དེ། །   

བྱམས་སྙིང་ཐུགས་རྗེ་དང་ལྡན་པ་ཡིན། །

འོད་ཟེར་ཞེས་བྱ་བླ་མ་དེ། །    

འགྲོ་བའི་རེ་བ་བསྐོང་བ་ཡིན། །

འོད་ཟེར་ཞེས་བྱ་བླ་མ་དེ། །   

འགྲོ་དྲུག་གི་ཕ་མར་བྱོན་པ་དང༌། །

ཅེས་མཚན་མགུར་སུམ་ཅུ་རྩ་གཉིས་གསུངས་པ་ལས།  བདག་གིས་ཡིད་ལ་ཟིན་པ་འདི་རྣམས་སོ་ཞེས་སྤུང་མཁན་ཆེན་འོད་ཟེར་བླ་མའི་རྣམ་ཐར་རྩོམ་པ་པོ་བསོད་རྣམས ་དབང་ཕྱུག་མཆོག་གིས་བཏུས