དྲ་ཚིགས་འདིའི་བདག་དབང་སྨར་ཁམས་གླིང་དྲ་བདག་ལ་ཡོད་པས་འདིའི་ནང་གི་དོན་དག་གང་ཡིན་ཡང་དྲ་བདག་གིས་ཡིག་ཐོག་ནས་ཆོག་མཆན་མེད་པར་བཤུ་བ་དང་སྤེལ་བ་ སོགས་གང་ཡང་བྱེད་མི་ཆོག་པ་རྒྱལ་སྤྱིའི་པར་དབང་ཁྲིམས་ལུགས་བཞིན་ཡིན།

All copy rights are owned by Markhamling.com and no one is allowed to copy or reproduce in any form without prior written permission from the owner.

全  部  副  本  的  权  利  由   Markhamling.com   拥  有  。任   何  人  不   得    复   制  或    复  制   任  何   未  经   业   主  事  前  书    面   许   可   的   形   式。

 


  གསར་འགྱུར།

བོད་རང་སྐྱོང་ལྗོངས་ཆབ་མདོའི་མངའ་ཁོངས་སྨར་ཁམས་རྫོང་གི་མཆོད་རྟེན་གྲོང་ཚོའི་ས་ཁུལ་ལ་རྒྱ་དམར་གཞུང་གིས་ལོ་ཤས་སྔོན་གཏེར་ཁ་སྔོགས་འདོན་གྱི་ལས་གཞི་ཞིག་སྤེལ་བར་ས་གནས་མི་མང་གིས་ངོ་རྒོལ་བྱས་ཏེ་བཀག་ཐུབ་ཡོད་ན་ཡང་།དེ་རིང་ཕྱི་ལོ་༢༠༡༢ལོའི་ཟླ་བ་༨ཚེས་༡༥ཉིན་གཏེར་ཁ་སྔོགས་འདོན་པ་སླར་ཡང་ས་གནས་སུ་འབྱོར་བར།གྲོང་ཚོའི་དཔོན་རིགས་འགས་མི་མང་ཚོགས་འདུ་བསྐོངས་ནས་དེ་རིང་སླར་ཡང་ཉག་ཉོག་མེད་པར་གཏེར་ཁ་སྔོགས་
འཇུག་ན་བཟང་རབས་ཀྱིས་སློབ་གསོའི་གོ་སྐོན་བྱེད་པར།མི་མང་ཚང་མས་མི་འདོད་པའི་རྣམ་འགྱུར་གྱིས་ཚོགས་འདུ་ནས་ཕྱིར་ཐོན་ཏེ།རང་རང་ལ་འཕྲུལ་རིགས་གང་ཡོད་བཞོན་ནས་ནང་མི་བོད་ཕྲུག་དང་བཅས་པ་ཁྲིད་དེ་གོང་རིམ་ལ་ཞུ་གཏུགས་འགྲོ་གི་ཡིན་ཐོན་ཕྱིན་པར།ཉེན་རྟོག་པས་འགོག་རྩིས་བྱས་ཡོད་ཀྱང་འགོག་མི་ཐུབ་པར།མི་མང་ཇོ་ལ་ཞེས་པའི་ས་གནས་སུ་འབྱོར་སྐབས་རྒྱ་མིའི་དམག་མི་ཉིས་བརྒྱ་ཙམ་འབྱོར་ཞིང་།དུང་མདའ་སོགས་འདྲ་མིན་ཕངས་ནས་མི་མང་རྣམས་བཀག་ཡོད་པ་དང་།དེའི་ནང་ད་བར་གནས་ཚུལ་གོ་ཐོས་ལ་བལྟས་ན་བོད་མི་གཅིག་བསད་ཡོད་པ་དང་།རྒས་ཁོག་དངཔུ་གུ་ཙམ་ལས་བོད་མི་མང་ཆེ་བ་འཛིན་བཟུང་བྱས་ཏེ་སྨར་ཁམས་རྫོང་དུ་འཁྲིད་ཕྱིན་ཡོད་པ་དང་།ས་གནས་སུ་ཡང་རྒྱ་མིའི་དམག་མིས་གྲོང་སྡེ་ཡོངས་བསྐོར་ནས་ཛ་དྲག་གི་གནས་སུ་གྱུར་ཡོད་པའི་གནས་ཚུལ་འདུག
རྒྱ་གར་ལྷོ་ཕྱོགས་སེར་སྨད་ཚ་བ་ཁམས་ཚན་བོད་གནས་འབྲེལ་མཐུད་ཚོགས་ཆུང་ནས་ཕུལ།