རྗེས་ལུས་ཤོར་བའི་ང་།

གུས་བླ་མ་སངས་རྒྱས་ནས་བྲིས་སོ།
དེ་རིང་ཁོ་བོས་ཁྱེད་རྣམས་ལ་སྙན་མོ་དབྱངས་དང་བྲལ་ཡང་དོན་སྙིང་ཅུང་ཡོད་པའི་སྐད་ཆ་འགའ་བཤད་འདོད་པ་དེ་དག་ནི་གང་ཡིན་ཞེ་ན།ཁོ་བོ་ནི་ཤིན་ཏུ་རྗེས་ལུས་ཤོར་བའི་མི་ཞིག་ཡིན་པས་ཁྱེད་རྣམ་པ་ང་དང་འདྲ་བའི་བྱ་བ་བྱས་ན་ཁྱེད་རྣམས་ཀྱང་རྗེས་ལུས་ཤོར་བ་ཉག་ཅིག་རེད། བདག་རྗེས་ལུས་ཐེབ་པའི་གལ་གནད་ཆེ་ཤོས་ནི་འཆི་བ་མི་རྟག་པ་མ་དྲན་པ་དེས་རེད།   གལ་སྲིད་སྐབས་འགར་འཆི་བ་མི་རྟག་འདྲ་དྲན་ནས་དེ་ལས་ཐར་འདོད་ཀྱི་བློ་སྐྱེས་ཀྱང་འབད་བརྩོན་མི་བྱེད་པར་ལྷག
་འགྲོ་ཡི་འདུག།སྤྱིར་རང་ཉིད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པ་དང་འཁོར་བ་ལས་ཐར་འདོད་ཀྱི་སྐྱེས
་བུ་ཡིན་ཡང་སྡུག་བསྔལ་དང་འཁོར་བ་ལས་ཐར་བའི་ལམ་དྲིན་ཅན་བླ་མ་རྣམས་ཀྱིས་བསྟན་ཀྱང་རང་ཉིད་ནི་ཤིན་ཏུ་ལེ་ལོ་ཅན་གྱི་མི་ཞིག་ཡིན་དུས་དེ་ལས་ཐར་བའི་ཕྱིར་དུ་འབད་བརྩོན་མི་བྱས་པར་རྩེད་མོ་སོགས་ལ་མགོ་འཁོར་ནས་བསྡད་ཤོར་གྱི་འདུག   །ད་དུང་སོ་སོ་ཚོགས་ཆོས་འགྲིམ་རྒྱུ་དང་སློབ་སྦྱོང་བྱེད་རྒྱུ་ནི་ཁྲལ་གྱི་འདུ་ཤེས་ལས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིནབསམ་པ་དང་རང་ཉིད་ཀྱི་ཆེད་དུ་ཡིན་བསམ་པ་བློའི་ཟུར་ལའང་མི་འཆར།   དེའི་ནང་ནས་་སློབ་སྦྱོང་བྱེད་པ་ནི་རྒན་ཡོད་མེད་ཀྱི་སྒོ་ནས་བྱས་ཀྱི་ཡོད།   རྒན་ཡོད་དུས་སློབ་སྦྱོང་བྱེད་པ་ཚང་མ་ནི་རྒན་ལ་ཁེ་ཕན་ཡོད་མདོག་མདོག་ལས་རང་ཉིད་ལ་ཁེ་ཕན་ཡོང་བ་ནི་མཐོང་མི་ཐུབ།ཆོས་གྲྭ་འགྲོ་དུས་ཀྱང་འགའ་ཤས་ཀྱིས་ཁྱེད་རང་རིག་པ་བཟང་པོ་འདུག་ཞེས་བརྗོད་དུས་ང་རྒྱལ་གྱི་གོང་བུ་ཆེ་རུ་འགྲོ་སྟེ་སོ་སོའི་སྒང་ལ་སུ་ཡང་མེད་བསམ་བསམ་གྱི་འཁྲུལ་སྣང་རྣོན་པོ་ཞིག་ཡང་ཡངསླེབས་ཡོང་གི་འདུག །རྩོད་པ་རྩོད་དུས་ཁ་ནས་སྙིང་རྗེ་ཆེན་མོ་དང་བྱང་ཆུབ་ཀྱི་སེམས་ཞེས་བགྲང་བ་ལས་ནང་ཀུན་སློང་དེ་ནི་ཞེ་སྡང་དང་ང་རྒྱལ་གྱི་དབང་གིས་རང་ཉིད་རྩོད་པ་རྩོད་སའི་མི་དེ་ཏག་ཏག་བཟོས་རྒྱུ་ལས་ཁོ་ལ་ཕན་ཞིག་ཐོག་ཡོང་བསམ་པ་དང་རང་ལ་བསླབ་བྱ་འདྲ་རག་ཡོང་བསམ་པ་ཧ་ཅང་གི་དཀོན།ད་དུང་སང་ཉིན་ཚོགས་ཆོས་སོགས་མེད་པ་གོ་དུས་ཧ་ལམ་རང་བཙན་ཐོབ་པ་ཟོ་འདྲ་ལས་ཚོགས་ཆོས་ཚོགས་ཡ་རག་མ་སོང་བསམ་པའི་འགྱོད་སེམས་ཞིག་ཀྱང་མི་སྐྱེད།   བདག་གི་བྱ་སྤྱོད་རྣམས་ཡིད་ལ་འཁོར་དུས་རང་ཉིད་ནི་ཤིན་ཏུ་གླན་པ་དང་རྗེས་ལུས་ཅན་གྱི་མི་ཞིག་ཏུ་མཐོང་གི་འདུག་ལ་ཡང་སྐབས་རེ་ཁྱིམ་པ་མི་ནག་འགའ་ཐུག་དུས་ཁྱོད་ཚོས་རྨོངས་དད་བྱེད་མ་བསྡད་ཞེས་འཕྱ་དམོད་བྱེད་བཞིན་ཡོད་ཀྱང་ཁ་རང་ལ་ཕྱོགས་ནས་བསམ་བློ་ཞིབ་པར་གཏོང་སྐབས་རང་ཉིད་ཀྱི་རྒྱུད་ལ་དབང་རྣོན་གྱི་དད་པ་ནི་ཤིན་ཏུ་ནས་དཀོན་ལ་ཐ་ན་རྨོངས་དད་ཙམ་ཡང་ཡག་པོ་ཞིག་མི་འདུག་པས་རང་ཉིད་ནང་པ་ཡིན་མིན་གྱི་ཐེ་ཚོམ་ཡང་ཐེངས་མང་ཡོང་གི་འདུག་ལ་དེའི་སྟོབས་ཀྱིས་རང་ཉིད་ལ་བརྗོད་མི་ཤེས་པའི་འཇིགས་སྣང་ཡང་ཧ་ཅང་ཆེན་པོ་སྐྱེས་ཀྱི་འདུགབྱ་སྤྱོད་དེ་དག་ལས་བདག་ནི་ཧ་ཅང་གི་རྗེས་ལུས་ཅན་ཞིག་ཡིན་པ་ར་སྤྲོད་ཐུབ་ཀྱིན་འདུག་པས་ཁྱོད་ཚོར་བདག་དང་འདྲ་བའི་བྱ་སྤྱོད་འདྲ་འདུག་ན་རིང་དུ་སྤོངས་རོགས་ཞེས་ལག་གཉིས་ཐལ་མོ་སྦྱར་བ་དང་བཅས་རེ་སྐུལ་སེམས་ཁོངས་རུས་པའི་གཏིང་ནས་ཞུ་བཞིན་ཡོད་དོ།།