ཡུལ་འདིའི་དམིགས་བསལ་ཅན་ཞིག་ནི་དུས་སྔ་མོ་ཕྱི་ལོ་༡༨༦༠་ལོ་ནས་ཡུལ་འདི་ན་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དགོན་ པ་ཞིག་ཡོད།དགོན་པ་འདི་ནི་རྒྱ་ཁྱོན་མི་ཊར་གྲུབ་བཞི་མ་༦༠༠༠་ཙམ་ཡོད་པའི་ཆོས་ཁང་ཆེ་གྲས་ཤིག་ཡིན།དགོན་པའི་དེའི་མཆོད་ག ཞིས་ནི་ཚ་ཁ་ལྷོ་བའི་ནང་དུ་ཡོད་པའི་བོད་མི་ཡེ་ཤུའི་ཆོས་དད་པ་རྣམས་ཡིན།ད་སྐབས་ས་གནས་དེར་བོད་མི་ཡེ་ཤུའི་ཆོས་དད་པ་ཡུལ་ མིའི་བརྒྱ་ཆ་༨༠%་ཙམ་སྟེ་མི་གྲངས་༦༠༠་ཙམ་ཡོད།དགོན་པའི་མཁན་པོ་ཡང་བོད་པ་ཞིག་ཡིན་ཞིང་།ཡུལ་འདིའི་མི་རྣམས་ཀྱིས་ནང་ དུ་ནང་ཆོས་དང་ཡེ་ཤུ་འདྲེས་ནས་བྱེད་མཁན་ཡོད་ལ།སོ་སོར་བྱེད་མཁན་ཡང་ཡོད་པ་མ་ཟད།བཟའ་ཚང་གཅིག་གི་ནང་དུ་ཁྱོ་ག་ཡེ་ཤུ་ དང་། སྐྱེད་སྨན་ནང་ཆོས་བྱེད་མཁན་ཡང་ཡོད།

 

དགོན་པ་འདི་ནི་ཕྱི་ལོ་༡༨༦༠་ཙམ་ལ་ཕ་རན་སིའི་ཆོས་སྤེལ་བ་ཞིག་གིས་ས་གནས་འདིར་སྤེལ་ཡོད། དེ་ནས་ད་བར་དུ་དར་རྒུད་ཀྱི་རྒྱུད་རིམ་སྤྱི་མཚུངས་བརྒྱུད་ནས་ད་ལྟ་བར་དུ་གནས་འདུག ད་ལྟ་ལྷ་ཁང་འདིའི་ཆོས་དཔོན་ནི་རྒྱ་མི་ཞིག་ཡིན་འདུག་ཅིང་། ཁོང་གི་མིང་ལ་ལིའུ་རན་ཌི་ཟེར་བ་རེད།ལོ་བདུན་ཅུ་དོན་དགུ་ཅན་གྱི་རྨོ་མོ་ཞིག་གིས་“ང་རང་ཆུང་དུས་ནས་ནང་པ་ཡིན་ཞིང་།ངའི་ཁ ྱོ་ག་ཆུང་དུས་ནས་ཡེ་ཤུའི་ཆོས་དད་པ་རེད་།ཁོ་རང་ལོ་བརྒྱད་ཅུ་གྱ་གཉིས་ཡིན་ཞིང་ལོ་འདིའི་ལོ་མགོར་གྲོངས་སོང་།”ཞེས་བཤད་སོང་། ད་དུང་མོས་བཤད་རྒྱུར་“ངས་ནང་པ་དང་ཡེ་ཤུ་གཉིས་ཀྱི་བར་ལ་ཁྱད་པར་ཅི་ཡང་མཐོང་གི་མི་འདུག”ཅེས་བཤད་ཀྱིན་འདུག  

 

ཚ་ཁ་ལྷོ་ཡེ་ཤུ་གནམ་བདག་དགོན་པ།

འོར་ཟེར་དགོན་པ།